དབྱིན་ཡུལ་དུ་ཞི་ཅིན་པིང་ལ་ངོ་རྒོལ།
2015.11.15
༄༅༎དེ་རིང་གི་གཞིས་བྱེས་བོད་མི་ཟེར་བའི་ལེ་ཚན་ནང་དེ་སྔོན་སྤྱི་ཟླ་༡༠པའི་ཚེས་༢༠ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་ཀྱི་རྒྱལ་དར་འཆར་ནས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་དེ་སྐབས་དབྱིན་ཇིའི་ཉེན་རྟོག་པས་ཆུ་ཚོད་༢༤རིང་འཇུ་བཟུང་བཀག་ཉར་བྱས་པ་བོད་རིགས་བུད་མེད་འཇམ་དཔལ་ལྷ་མོི་ལགས་ཀྱི་སྐོར་དང་ཁོང་གིས་དེ་སྐབས་ངོ་རྒོལ་བྱས་པས་མྱོང་ཚོར་སོགས་ཀྱི་སྐོར་ཁོང་ལ་ཚེ་དབང་ནོར་བུས་བཅའ་འདྲི་ཞུས་པ་གསན་རོགས་གནོངས།།གསར་འགོད་པ་ཚེ་དབང་ནོར་བུ།