ཁང་བཟོའི་བཟོ་འགོད་པ་དང་ཨར་ལས་བྱུས་འགོད་པ་གཉིས་ཀའི་སློབ་གཉེར་ཐོན་པའི་བོད་མི་ཞིག

2024.02.06
ཁང་བཟོའི་བཟོ་འགོད་པ་དང་ཨར་ལས་བྱུས་འགོད་པ་གཉིས་ཀའི་སློབ་གཉེར་ཐོན་པའི་བོད་མི་ཞིག ཁང་བཟོའི་བཟོ་འགོད་པ་དང་ཨར་ལས་བྱུས་འགོད་པ་གཉིས་ཀའི་སློབ་གཉེར་ཐོན་པའི་བོད་མི་བསྟན་འཛིན་སྙན་གྲགས།
Studio Nyandak

ཁང་བཟོ་དང་ཨར་ལས་འཛུགས་སྐྲུན་ནི་འགྲོ་བ་མིའི་དཔལ་ཡོན་ནང་གི་འཕེལ་རིམ་ཁྲོད་མིའི་ཉིན་རེའི་དགོས་མཁོ་སྒྲུབ་པའི་སྒྱུ་རྩལ་གལ་ཆེན་ཞིག་དང་། རིག་གནས་ཤིག་ཡིན་ལ། སྒྱུ་རྩལ་རིག་གནས་འདིར་མཚོན་ནའང་དུས་ཀྱི་དགོས་མཁོ་དང་འཛུགས་སྐྲུན་གྱི་འགྱུར་འགྲོས་ཀྱི་འཕེལ་རིམ་ནང་གྱུར་བ་ཆེས་ཆེར་འགྲོ་བའི་ལག་རྩལ་ཞིག་ཀྱང་ཡིན་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཕྱི་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ཁྲོད་ཁང་བཟོའི་འཆར་འགོད་དང་། ཨར་ལས་འཛུགས་སྐྲུན་གྱི་བྱུས་འགོད་པ་གཉིས་ཀའི་ཐོག་སློབ་གཉེར་གཅིག་ལྕོགས་གནང་སྟེ་མཐར་སོན་མཁན་ཉུང་ཤས་ལས་མེད་ཅིང་། བསྟན་འཛིན་སྙན་གྲགས་ལགས་ནི་ཨ་རིའི་ནིའུ་ཡོག་ཏུ་ཁང་བཟོའི་འཆར་འགོད་དང་། ཨར་ལས་འཛུགས་སྐྲུན་གྱི་བྱུས་འགོད་ཁེ་གཉེར་ལས་ཁང་བཟུང་མཁན་ཞིག་ཡིན་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བསྟན་འཛིན་སྙན་གྲགས་ལགས་སུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎