ཨ་རིའི་ནང་ཕྱི་མིའི་གཞིས་སྤོས་དང་བོད་པ་སྐྱབས་བཅོལ་བ་ཚོར་དམིགས་པའི་ཁྲིམས་ཀྱི་རྒྱུན་ཤེས་སྐོར།

2025.01.16
ཨ་རིའི་ནང་ཕྱི་མིའི་གཞིས་སྤོས་དང་བོད་པ་སྐྱབས་བཅོལ་བ་ཚོར་དམིགས་པའི་ཁྲིམས་ཀྱི་རྒྱུན་ཤེས་སྐོར།
སྒྲིག་བཟོ། ནོར་སྡེ།

ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་འཁུར་ཞེས་པའི་དཔེ་བཞིན་།ཨ་རིའི་ནང་བོད་མི་འདུ་ཚོགས་ཆེ་ས་ནུའུ་ཡོབ་གྲོང་ཁྱེར་སོགས་བོད་མིའི་འདུས་བསྡོད་ཁག་ཏུ་བོད་རིགས་གཞོན་སྐྱེས་ཚོས་ཁྲིམས་འགལ་གྱི་བྱ་བ་མཐའ་དག་ངེས་པར་དུ་སྤང་ཐབ་དགོས་ཅིང་།དེ་ལྟར་མ་བྱུང་ཚེ་ཨ་རིའི་ནང་ཉེ་བའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཕྲལ་ཕུགས་གང་རུང་འབྱུང་འབྲས་ངན་པ་སྨིན་སྲིད་པའི་གནས་སྟངས་ཆགས་ཡོད་པ་རེད་།ལྷག་པར་དུ་ཨ་རིའི་གཞུང་འཛིན་གསར་པའི་ཕྱི་མིའི་གཞིས་སྤོས་ཀྱི་སྲིད་ཇུས་ལ་འགྱུར་བ་ཐེབས་ཀྱི་ཡོད་པའི་ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་བསླེབས་པ་དང་།ཡང་ཁྲིམས་འགལ་ཐོག་ནས་གནས་བཞུགས་ཡོད་པ་ཚོར་་དམིགས་བསལ་ཨ་རིའི་ནས་ཕྱིར་འབུད་མ་གཏང་བའི་ཆེད་དུ་ཟབ་ནན་དགོས་གལ་ཇི་ཡོད།དེ་བཞིན་ཁྲིམས་ཐོག་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ཇི་ལྟར་བྱེད་ཐུབ་པ་དང་།གཞན་ཡང་བོད་མིའི་སྐྱབས་བཅོལ་བ་ཨ་རིའི་ནང་བསླེབས་ཚར་རྗེས་སུ་འབྱུང་འགྱུར་སོ་སོའི་ནང་མི་བུ་ཕྲུག་ཙམ་མ་ཟད།ཤ་ཁྲག་གཅིག་པའི་སྤུན་མཆེད་དང་ཕ་མ་རྒན་བགྲེས་ལ་ཡང་ཨ་རིའི་ནང་འཐེན་ཐུབ་པའི་སྙན་ཞུ་འགྲོ་སྟངས་དང་ཐོབ་ཐང་སོགས་ཀྱི་སྐོར་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཅའ་འདྲི་བྱས་པ་ཉན་རོགས་ཞུ།

གསར་འགོད་པ། ནོར་སྡེ་སྒྲོལ་མ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།། 

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎