འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ།

2020.12.09
འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ།
ཊོ་རོན་ཊོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༣༡་འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ཏེ་ཕྱི་ཚེས་༨་ནས་ཉིན་གསུམ་གྱི་རིང་ཁེ་ཎ་ཌའི་Torontoས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནས་བཟུང་བོད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་གལ་གནད་རང་བཞིན་དང་ད་ལྟ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།བཙན་བྱོལ་དུ་ཡོད་པའི་བོད་དོན་འཐབ་རྩོད་པ་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྟེན་ནས་བོད་དོན་ལས་འགུལ་གྱི་ནུས་པ་ཇི་ཐོན་གྱི་སྐོར་རྒྱ་གར་ནས་དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན་ལགས་དང་Toronto ས་གནས་གཞོན་ནུ་ཚོགས་གཞོན་བསོད་ནམས་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་ཞུས་པ་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎