༢༠༢༢་ལོར་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་བོད་དོན།

2021.06.30
༢༠༢༢་ལོར་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་བོད་དོན། ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་ཚོས་རྒྱ་ནག་ནང་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་འཚོགས་འཚོགས་རྒྱུར་ངོ་རྒོལ་སྐད་འབོད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

དེ་རིང་ཁ་བའི་གྲོས་ཪྭའི་ལེ་ཚན་ནང་རྒྱ་ནག་ནང་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུར་འོས་བབ་མེད་པའི་བཀག་བསྡོམས་ཀྱི་ཆེད་དུ་ལས་འགུལ་སྤེལ་བའི་ཕན་གནོད་དང་དོན་དམ་གྱི་འབྲས་བུ་གང་ཞིག་སྨིན་རྒྱུའི་རེ་བ་ཡོད་མིན་དེ་བཞིན་དམིགས་ཡུལ་དང་དགོས་པ་གང་འདྲ་ཞིག་ལ་བརྟེན་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེ་བོད་དོན་གྱི་ཆེད་དུ་གོ་སྐབས་ཤིག་ཡིན་པ་ཇི་ལྟར་ངོས་འཛིན་གནང་གི་ཡོད་མེད་ཀྱི་སྐོར། དབུས་བོད་ཀྱིི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་གཞོན་པ། བོད་དོན་དོན་གཉེར་བ་བསྟན་འཛིན་ཚེ་ལྷ་བཅས་རྣམ་པ་གསུམ་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎