༢༠༡༩་དང་༢༠༢༠་ལོར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་རེ་བཟུང་བྱུང་ཡོད་པ།
2021.04.08
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།
རྒྱ་ནག་གཞུང་གིས་༢༠༠༨་དང་དམིགས་བསལ་༢༠༡༢་ནས་བཟུང་བོད་ཀྱི་ས་མཚམས་ཁུལ་དུ་དམ་དྲག་ཆེ་རུ་བཏང་བར་བརྟེན་ནས།
རྒྱ་གར་དུ་གཉེན་འཕྲད་དང་བྲོས་བྱོལ་དུ་ཡོང་མཁན་ཧ་ཅང་གི་ཇེ་ཉུང་དུ་ཕྱིན་ཡོད་པ་ཡིན་ནའང་ལོ་ལྟར་གྲངས་ཀ་མང་ཉུང་ལ་མ་ལྟོས་པར་བོད་ནས་ཡོང་མཁན་ཡོད་ལ། ལྷག་དོན་༢༠༡༩་དང་༢༠༢༠་ལོར་རེ་བཟུང་བྱུང་ཡོད་པའི་སྐོར་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང།།