རྗེ་རིན་པོ་ཆེ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱོན་ནས་ལོ་དྲུག་བརྒྱ་འཁོར་བ།


2019.11.16
རྗེ་རིན་པོ་ཆེ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱོན་ནས་ལོ་དྲུག་བརྒྱ་འཁོར་བ། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེངྒེ་དཔལ་བཟང་པོ་མཆོག་ལ་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ལོ་དྲུག་བརྒྱ་འཁོར་བ།
བསྟན་འཛིན་རྒྱ་མཚོ།

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཉེ་ལམ་ ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁུལ་དུ་ཡོད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རི་བོ་དགེ་ལྡན་པའི་བསྟན་པའི་གསོལ་གཏོད་མཛད་པོ་རྗེ་རིན་པོ་ཆེ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱོན་ནས་ལོ་དྲུག་བརྒྱ་འཁོར་བ་དང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེངྒེ་དཔལ་བཟང་པོ་མཆོག་ལ་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ལོ་དྲུག་བརྒྱ་འཁོར་བ། དེ་བཞིན་རྒྱུད་ཆེན་༧རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱིས་བགྲོ་གླེང་ཚོགས་ཏེ་སྲུང་བརྩི་ཞུས་པ་ལྟར།  རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་ཕྱག་མཛོད་བློ་བཟང་ཀླུ་སྒྲུབ་ལགས་དང་།  བཙན་བྱོལ་ནང་རྒྱུད་སྟོད་གྲྭ་ཚང་ཐོག་མར་གསར་འཛུགས་ཞུས་པའི་སྐབས་ནས་ཡོད་པའི་གྲྭ་ཚང་གི་བགྲེས་སོང་བ་རྒན་བྱམས་པ་མཐའ་ཡས་ལགས་བཅས་དང་ལྷན་རྒྱུད་སྟོད་གྲྭ་ཚང་གི་བྱུང་རབས་སྐོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

tashi-wangchuk-75གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎