རྒྱ་གར་ལྷ་ཕྱོགས་ཀོ་ལེ་གྷལ་དོན་བདེ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ།
2024.02.17

ཟླ་འདིའི་ཕྱི་ཚེས་༡༧ཉིན་རྒྱ་གར་ལྷ་ཕྱོགས་ཀོ་ལེ་གྷལ་དོན་བདེ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེལ་པ་ཚེ་རིང་མཆོག་ཕེབས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག