བཙན་བྱོལ་ལམ་བུའི་སྟེང་གི་སློབ་གསོའི་ལེགས་སྐྱེས།
2023.10.29
ད་རིང་གི་གཏམ་གླེང་ལེ་ཚན་ནང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཕུལ་བྱུང་མི་སྣ་མང་པོ་གསོ་སྐྱོང་གནང་ཡུལ་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་དང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་སྐབས་དེར་མཛད་སྒོ་དང་དམིགས་བསལ་༧གོང་ས་མཆོག་ནས་མི་སྣ་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་གནང་ཡོད། ལེ་ཚན་ནང་འདས་པའི་དུས་ཚོད་ནང་སློབ་གསོའི་གོམ་སྟབས་དང་གྲུབ་འབྲས། མ་འོངས་པའི་འཆར་གཞི་སོགས་ཕྱོགས་མང་པོའི་ཐོག་འབྲེལ་ཡོད་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།