རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་སྤེལ་ཕྱོགས།
2017.10.14
༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་གྱི་ནང་རྒྱ་མི་རིགས་དང་འབྲེལ་བ་བྱ་རྒྱུ་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གལ་ཆེའི་གནད་དོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅིང་། རྒྱ་ནག་གི་ཆབ་སྲིད་འཕོ་བསྒྱུར་དང་རྒྱ་ནག་གི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་འབྲེལ་ལམ་གྱི་ལས་དོན་སྤེལ་རྒྱུ་རྣོ་ངར་ཆེ་རུ་གཏོང་བཞིན་པའི་དུས་འདིར། རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་གནད་དོན་དང་འབྲེལ་བའི་སྐོར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་ཆེ་ཀུན་དགའ་བཀྲིས་ལགས་དང་འགན་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་བར་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།