བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༢༠པ་དེ་བཞིན་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་དུ་འཚོགས་གནང་ཡོད་པ།

2022.09.28
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༢༠པ་དེ་བཞིན་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་དུ་འཚོགས་གནང་ཡོད་པ། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༢༠པ་དེ་བཞིན་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་དུ་སྤྱི་ཟླ་༩པའི་ཚེས་༢༤-༢༥ཉིན་གཉིས་ཀྱི་རིང་འཚོགས་གནང་ཡོད་པ།
སྦོསི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༢༠པ་དེ་བཞིན་ཨ་རིའི་གྲོང་ཁྱེར་སྦོསི་ཊོན་དུ་སྤྱི་ཟླ་༩པའི་ཚེས་༢༤-༢༥ཉིན་གཉིས་ཀྱི་རིང་འཚོགས་གནང་ཡོད་པའི་ཐོག་དགའ་ལྡན་ཕོ་བྲང་བོད་མི་རིགས་དང་རྒྱལ་ཁབ་ལ་གལ་གནད་ཆེ་བའི་ཁར་བོད་ཀྱི་འཐབ་རྩོད་ལ་ལམ་སྟོན་ཆེད་དགོས་གལ་གྱི་གྲོས་ཆོད་ཅིག་ཀྱང་གཏན་འབེབས་གནང་ཡོད་པ་རེད་འདུག
ད་ལེན་གྱི་ཚོགས་འདུའི་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་འཐུས་ཚོགས་པ་ཁག་༢༢ནས་སྐུ་ཚབ་ཚོགས་བཅར་བ་མི་གྲངས་༥༠ཙམ་ཕེབས་ཡོད་པ་རེད། ཚོགས་འདུའི་ཐོག་ཚོགས་ཆེན་སྐབས་༡༩པའི་སྐབས་བཞག་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། འདི་ལོའི་གྲོས་གཞི་ཁག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་དགོངས་བཞེད་ཁྱབ་སྤེལ་གཏང་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། བོད་དོན་འཐབ་རྩོད་སྲ་བརྟན་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་བཅས་དང་ལོ་རྗེས་མ་ཚོགས་ཆེན་ཉེར་གཅིག་པ་དེ་བཞིན་ཀྲོ་རོན་ཊོར་ཕྱི་ཟླ་ ༠༩ པའི་ནང་འཚོག་རྒྱུའི་ཐག་གཅོད་བྱུང་འདུག
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཚོགས་ཆེན་གོ་སྒྲིག་གནང་མཁན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་རྣམ་རྒྱལ་མཆོག་འགྲུབ་མཆོག་དང་གཞན་ཡང་ཚོགས་བཅར་བ་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་ཚེ་རིང་ལྷ་མོ་ལགས་བཅས་རྣམ་པ་གཉིས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎