སྲིད་སྐྱོང་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བསྩལ་བའི་བཀའ་སློབ།


2016.05.28
སྲིད་སྐྱོང་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བསྩལ་བའི་བཀའ་སློབ། ༢༠༡༦།༥།༢༧། སྲིད་སྐྱོང་ལས་དུས་གཉིས་པའི་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྩོལ་བཞིན་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་བསྐྱར་དུ་སྲིད་སྐྱོང་དུ་འོས་འདེམས་བྱུང་ནས། ཕྱི་ཟླ་ལྔ་པའི་ཚེས་༢༧་ཉིན་སྲིད་སྐྱོང་ལས་དུས་གཉིས་པའི་དམ་འབུལ་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་ཆོལ་གསུམ་ཆོས་ལུགས་དང་བཅས་བ་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་ནན་པོ་ཞིག་ཕེབས་པ་དང་འབྲེལ་བའི་སྐོར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་བོད་ཀྱི་ཐེབས་རྩ་ལས་ཁང་གི་ལས་འཆར་འགན་འཛིན་དང་བཀའ་ཟུར་བློ་བཟང་སྙན་གྲངས་ལགས་དང་། དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་ཡང་འཕེལ་ལགས་བཅས་རྣམ་གཉིས་དང་ལྷན་དུ། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎