སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་གལ་ཆེའི་གྲོས་ཆོད་ཁག
2021.04.02

༄༅། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་གཞི་ནི། སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་གལ་ཆེའི་གྲོས་ཆོད་ཁག་ཅིག་གི་ཐད་བགྲོ་གླེང་ཞུ་རྒྱུ་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་དོན་རྐྱེན་དེའི་བྱུང་ལུགས་འབྱུང་རྐྱེན་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དང་དོ་ཕོག་སོགས་ཀྱི་ཐད་བོད་མི་དམངས་སྤྱི་འཐུས་ཟུར་པ་མོག་རུ་བསྟན་པ་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།