བོད་མིའི་སྒྲིག་འཛུགས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་མཁེ་ལས་སྒྲིག་འཛུགས་ཤིག་ཆེད་བཙུགས་གནང་ཡོད་པ།
2018.01.20

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་ནོར་སྲིད་ཀྱི་ཤེས་ཡོན་གོང་འཕེལ་དང་། ཚོང་ལས་མ་རྩ་འཇུགས་རྒྱུ་ལ་སོགས་པའི་ཆེད་དཔལ་འབྱོར་ཞབས་ཞུའི་ལས་དོན་ཆེ་ཕྲ་སྣ་ཚོགས་པ་ཞིག་སྤེལ་བཞིན་ཡོད་ཅིང་། དམིགས་བསལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་འོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཟེར་བ་མཁེ་ལས་སྒྲིག་འཛུགས་ཤིག་ཆེད་བཙུགས་གནང་སྟེ། རིམ་པས་དངུལ་ཁང་ངོ་མ་ཞིག་འཛུགས་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད། གནད་དོན་འདི་དག་དང་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལྡན་བློ་གྲོས་ལགས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འཆར་འགོད་པ་འབུམ་རམ་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་གླེང་མོལ་ཞུས་པ་དེ་གསན་རོགས་གནང་༎
གསར་འགོད་པ་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་བློ་གྲོས།