ཆུ་བཞི་སྒང་དྲུག་གི་རྗེས་དྲན་གཟེངས་རྟགས།
2015.08.09

ཆུ་བཞི་སྒང་དྲུག
༄༅༎དེ་སྔོན་སྤྱི་ཟླ་༧པའི་ཚེས་༡༠ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ནང་ཞབས་སོར་འཁོད་སྐབས་དང་བྱང་ཨ་རིའི་བོད་མིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སུ་བྱང་ཨ་རིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་མང་ཡོངས་ནས་བཀྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་དང༌།དེ་དང་འབྲེལ་རིང་མིན་སྤྱི་ཟླ་༩པའི་ཚེས་༥ཉིན་གསེར་གྱི་གཟེངས་རྟགས་དེའི་(Souvenir)འདྲ་བཤུས་དྲན་རྟེན་ཕྱག་རྟགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་བོད་མིའི་ཚོགས་པ་ཁག་ལ་འབུལ་རྒྱུ་ཡིན་པའི་སྐོར་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བྲག་ཡབ་བློ་བཟང་ལགས་དང་དྲུང་ཆེ་འབའ་པ་གྲགས་པ་བསྟན་འཛིན་ལགས་སུ་ཚེ་དབང་ནོར་བུས་བཅའ་འདྲི་ཞུས་པ་གསན་རོགས་གནོངས༎གསར་འགོད་པ་ཚེ་དབང་ནོར་བུ།