༄༅།།ཉན་མཁན་རྣམ་པ་ཚོ།དེ་རིང་ང་ཚོ་ཁ་བའི་གྲོས་ར་ཞེས་པའི་ལེ་ཚན་ནང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གིས་རྒྱུན་ལས་ཁག་ཅིག་ཡོ་རོབ་ཁུལ་དུ་འཚམས་གཟིགས་ཕེབས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྟ་བ་དང་ལམ་ཕྱོགས་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་དང་། དེ་བཞིན་དབུས་ས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོང་རྒྱུ་སོགས་ཀྱི་གོ་རྟོགས་སྤེལ་ཡོད་པའི་སྐོར། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཁང་གི་ཚོགས་གཙོ་ཟུར་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་༢༠་པའི་དབུས་སྤྱི་ཁྱབ་ཁང་གིས་ཐེབས་རྩ་ཚོགས་པའི་འགན་འཛིན་སྨར་ཁམས་ཆོས་འཕེལ་ལགས། མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་༢༠་པའི་དབུས་སྤྱི་ཁྱབ་ཁང་གི་རྒྱུན་ལས་དང་ཐེངས་འདིའི་་ཡུ་རོབ་འཚམས་གཟིགས་ཚོགས་ཆུང་གི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས། དེ་ནས་ཇ་མ་ནེ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སྡེ་དགེ་བཀྲིས་ལགས། ཕར་རེན་སེ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གངས་སེང་བསྟན་འཛིན་ལགས། སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བསྟན་འཛིན་འོད་ཟེར་ལགས་བཅས་སུ་གོང་ཞུས་གནད་དོན་སྐོར་བཅའ་འདྲི་ཞུས་པ་གསན་རོགས་གནང་།

གསར་འགོད་པ་བློ་བཟང་ཆོས་འཕེལ།