སྤྱི་འཐུས་ཀྱི་རྙོག་གླེང་དེ་ཛ་དྲག་ཤིག་ལ་ངོས་འཛིན་གནང་གི་ཡོད་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག (ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ལེགས་སྨོན།)

0:00 / 0:00

སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ༧ པའི་ཚེས་༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་མི་མང་སྤྱི་འཐུས་ཀྱི་རྙོག་གླེང་དེ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཛ་དྲག་ཤིག་ལ་ངོས་འཛིན་གནང་མུས་ཡིན་ནའང་། བཀའ་ཤག་གི་དཀའ་ངལ་དེར་ལག་པ་འཆང་བར་ཁྲིམས་ཀྱི་འགན་དབང་དགོས། གལ་ཏེ་བདམས་ཐོན་སྤྱི་འཐུས་ཚང་མས་འཛིན་སྐྱོང་གི་ངོས་ནས་དཀའ་རྙོག་དེ་ལ་ཐེ་བྱུས་བྱ་དགོས་པའི་རེ་འདུན་བཏོན་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་ནས་ཆ་རྐྱེན་བཞག་པའི་ཐོག་ནས་རྙོག་གླི་དེ་བཞིན་སེལ་ཐབས་གནང་རྒྱུ་ཡིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་གནང་སོང་། གནས་ཚུལ་རྒྱས་པ་བློ་བཟང་དགེ་ལེགས་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།