བོད་ཡིག་ཐོག་པར་བསྐྲུན་ཞུས་པའི་བྱིས་པའི་སྒྲུང་དེབ།
2017.11.09
༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། བཙན་བྱོལ་གྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་ལས་གཞི་ཞིག་འགོ་བརྩམས་ཏེ་བོད་པའི་སྤྱི་ཚོགས་ནང་བྱིས་པར་མཁོ་བའི་སྒྲུང་དེབ་མང་པོ་བོད་ཡིག་ཐོག་པར་བསྐྲུན་ཞུས་ཤིང་། བྱིས་པའི་དཔེ་དེབ་ཀློག་རྩལ་དང་འབྲེལ་བའི་ལས་དོན་ཐད་དགེ་རྒན་དང་ཕ་མར་ཟབ་སྦྱོང་གནང་སྟེ་ཕན་ནུས་ངེས་ཅན་ཞིག་ཐོན་བཞིན་ཡོད་པའི་སྐོར་ལ། སྒྲོལ་དཀར་ལགས་ཀྱིས་འབྲེལ་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་བཀའ་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་སྒྲོལ་དཀར།