ཁྲིན་ཀུང་ཁྲུན་ནས་ནིའུ་ཡོརྐ་བོད་མིའི་སྒེར་ལངས་དུས་དྲན་ལ་མཉམ་ཞུཌ་གནང་འདུག
2014.03.11

ཚེ་དབང་མགོན་པོ།
༄༅༎ཕྱི་ལོ་༢༠༡༤ཟླ་༣ཚེས་༡༠རེས་གཟའ་ཟླ་བའི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༥པ་སྲུང་བརྩི་ཞུས་ཡོད་པ་དང༌། མཛད་སྒོའི་ཐོག་རྒྱ་རིགས་དམགས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲུན་ནས་མཉམ་ཞུགས་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎