བེལ་ཇམ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།
2022.07.15
བེལ་ཇམ་སྐུ་ཚབ་དོན་ཁང་གིས་ཡུ་རོབ་གྲོས་ཚོགས་འཚོག་བཞིན་པ་དང་སྟབས་བསྟུན་ནས་ ཕྱི་ལོ་༢༠༢༢ ཟླ་བ་ ༠༧ ཚེས་ ༡༣ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཆགས་པའི་སོལ་ཝ་ནི་དཔེ་མཛོད་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ཕེབས་པའི་༸སྐུའི་འཁྲུངས་སྐར་ཕྱི་བསྣུར་གྱིས་གོ་སྒྲིག་ཞུས་ཏེ་སྲུང་རྩི་གཟབ་རྒྱས་ཞུས་ཡོད་པའི་སྐོར་བེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས་ནས་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ།