ཨཧྥ་ཏསྦ་ཀརྨ་པུ་རེ་ཝཱལ་ལགས་སུ་སིན་སི་ན་ཊ་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་འོས་འདེམས་བྱུང་བ།

ཨ་རིའི་ ཨོ་ཧཡེ་ཡོ་མངའ་སྡེའི་ Cincinati གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་འགྲན་རྩོད་ཁྲོད་བོད་མི་ཨ་རི་བ་ Aftab Pureval ལགས་སུ་རྒྱལ་ཁ་ཐོབ་པ་ནི། བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཞིག་གི་གྲོང་ཁྱེར་སྤྱི་ཁྱབ་པར་འོས་འདེམས་བྱུང་བ་ལོ་རྒྱུས་ཀྱི་ནང་ཐེངས་དང་པོ་དེ་ཆགས་ཡོད་ལ། ཁོང་ནི་ཨེ་ཤེ་ཡའི་མི་རིགས་ཤིག་གྲོང་ཁྱེར་དེའི་སྤྱི་ཁྱབ་ཏུ་བདམས་པ་ཡང་ཐེངས་དང་པོ་ཆགས་ཡོད་པ་རེད། ཁོང་ལ་འོས་གྲངས་བརྒྱ་ཆ་ ༦༦ ཙམ་ཐོབ་སྟེ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་དམིགས་བསལ་བཅར་འདྲི་ཞིག་ཞུས་པའི་སྐབས། སྐུ་ཞབས་ ཨཧྥ་ཏསྦ་ལགས་ཀྱིས་ཁོང་ལ་ད་རེས་རྒྱལ་ཁབ་ཐོབ་པ་འདིས་བོད་རིགས་གཞོན་སྐྱེས་ཚོར་འདེངས་སྤོབས་དང་སེམས་འགུལ་ཐེབས་པའི་སྐུལ་མར་གྱུར་བའི་རེ་བ་ཡོད་པ་གསུངས་བྱུང་། བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་གནས་ཚུལ་རྒྱས་པ་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།