ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་དབུ་བརྙེས་ནས་མི་ལོ་༥༠་འཁོར་བ་དང་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་གནང་བ།

2024.02.20
ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་དབུ་བརྙེས་ནས་མི་ལོ་༥༠་འཁོར་བ་དང་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་གནང་བ། རྒྱ་གར་ལྷ་ཕྱོགས་ཀོ་ལེ་གྷལ་དོན་བདེ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

Kollegal4.jpg

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་ནི་བོད་མི་གནས་ཡུལ་གྱི་གཞིས་ཆགས་ཚུགས་ཡུལ་རྒྱ་གར་གྱི་མངའ་སྡེ་དང་ཤོས་དང་བོད་མི་མང་ཤོས་གནས་ཡུལ་གཅིག་ཡིན་ཞིང་། དེའི་ཁོངས་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་འདི་བཞིན་ཐོག་མར་འབྲས་ལྗོངས་ནས་བོད་མི་ ༥༠༠ དང་དེ་ནས་ཀུ་ལུ་མ་ན་ལི་ལམ་བཟོ་གཉེར་ཡུལ་ནས་བོད་མི་ ༡༠༠༠ ཙམ་འབྱོར་ཏེ་གཞིས་ཆགས་འདི་དབུ་ཚུགས་ཤིང་། ཕྱི་ལོ་ ༨༠ གྱ་གྲངས་ནང་བོད་མི་ ༥༥༠༠ ཙམ་བར་ཕར་ཡོད་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་དང་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱེད་མཁན་མང་པོ་ཡོད་པའི་རྐྱེན་གྱིས་ད་ཆ་བོད་མི་ ༣༠༠༠ ཡས་མས་ཞིག་ལས་གནས་སྡོད་བྱེད་ཀྱི་མེད་པས། ས་ཞིང་བདག་པོ་རྒྱབ་རྒྱུ་དང་མི་འབོར་འཕེལ་རྒྱས་གཏོང་རྒྱུ་འདི་ནི་གཞིས་ཆགས་འདི་སྲ་བརྟན་གནས་མིན་གྱི་གདོང་ལེན་བྱེད་ཡུལ་ཞིག་ཆགས་ཀྱི་ཡོད་པ་ས་གནས་འཐུས་ཚོགས་ཀྱི་དྲུང་ཆེས་གསུངས་བྱུང་། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་ཚེ་དབང་བསོད་ནམས་ལགས་དང་དྲུང་ཆེ་བཀྲིས་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།
གསར་འགོད་པ། རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎