བྱང་ཨ་རིའི་ནང་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་མཁན་དང་དེབ་སྐྱེལ་བྱེད་ཕྱོགས་སྐོར།
2020.09.09
བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བསླེབས་ལ་ཉེ་བ་དང་། འོས་འཕེན་ཆོག་པའི་དེབ་སྐྱེལ་དུས་ཚོད་སྤྱི་ཟླ་༩པའི་ཚེས་༡ཉིན་ནས་སྤྱི་ཟླ་༡༠པའི་ཚེས་༡༥ཉིན་བར་ཉིན་གྲང་༤༥བཞག་ཡོད་པ་དབུས་འོས་བསྡུ་ལས་ཁང་གིས་གསལ་སྒྲགས་གནང་ཡོད། ད་ལྟ་འཛམ་གླིང་རྒྱལ་ཁབ་༤༠་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་འོས་བསྡུ་དེབ་སྐྱེལ་དེ་བཞིན་དུས་བཀག་ནང་ཚར་ཐུབ་མིན་དང་། བྱང་ཨ་རིའི་ནང་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་མཁན་དང་། དེབ་སྐྱེལ་བྱེད་ཕྱོགས་ཀྱི་ལས་དོན་ཚགས་ཚུད་འགྲོ་བཞིན་ཡོད་མེད་དང་། དམིགས་བསལ་གདོང་ལེན་བྱེད་དགོས་པའི་ལས་དོན་ཁག་གཅིག་གི་སྐོར། ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་དཔྱ་ཁྲལ་ལག་དེབ་འགན་འཛིན་ཉི་མ་དོན་འགྲུབ་ལགས་དང་། ཨ་ཪིའི་རྒྱལ་ས་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་དཔྱ་ཁྲལ་ལག་དེབ་འགན་འཁུར་བ་སྐལ་བཟང་ཚེ་རིང་ལགས་རྣམ་པ་གཉིས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།