གནས་སྤོར་རིམ་པ་དང་པོ་བདེ་འབྱོར་བྱུང་འདུག


2013.12.02
བོད་མི་སྐྱབས་བཅོལ་གནས་སྤོར་བ་རིམ་པ་དང་པོ་ཁཱ་ན་ཊར་འབྱོར་སྐབས། བོད་མི་སྐྱབས་བཅོལ་བ་གནས་སྤོར་གྱི་ལས་གཞིའི་ཁྲོད་ཀྱི་རིམ་པ་དང་པོ་མི་གྲངས་༡༧ཁཱ་ན་ཊར་བདེ་འབྱོར་བྱུང་འདུག
པར། ཁེ་ནཱ་ཊའི་བོད་རིགས་ཚོགས་པ།

རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱེད་རྒྱུའི་ལས་གཞིའི་ཁྲོད་ཀྱི་རིམ་པ་དང་པོའི་མི་གྲངས་༡༧ རེས་གཟའ་པ་སངས་ཉིན་ཁཱ་ན་ཊའི་གྲོང་ཁྱེར་Ottawaནང་བོད་མི་༡༠་དང༌། གཞན་བོད་མི་བདུན་གྲོང་ཁྱེར་Torontoདུ་བདེ་འབྱོར་ཡོད་པ་དང་། Ottawa Citizen ཞེས་པའི་གསར་ཤོག་གིས་

ཕྱི་ཚེས་༡ཉིན་སྤེལ་བའི་གནས་ཚུལ་ནང༌།  རྒྱ་གར་ནས་Ottawa འབྱོར་བའི་བསྟན་འཛིན་ཚང་དབྱངས་གིས་ད་བར་རྒྱལ་ཁབ་མེད་པའི་མི་ཞིག་ཁཱ་ན་ཊའི་མི་སེར་ཆགས་རྒྱུ་ཡིན་པར་དགའ་ཚོར་ཆེན་པོ་བྱུང་ཚུལ་བརྗོད་འདུག

འཆར་གཞི་ལྟར་ན།  ཁཱ་ན་ཊ་གཞུང་གིས་ཁས་ལེན་བྱས་བའི་གྲངས་འབོར་ལྟར། བོད་མི་༡༠༠༠ཡོངས་རྫོགས་ལོ་ལྔའི་ནང་ཁཱ་ན་ཊར་གནས་སྤོར་ཚར་བ་བྱ་རྒྱུ་ཡིན་པ་རེད།

གནས་སྤོར་ལ་འབྱོར་བའི་བོད་མི་དེ་ཚོ་རིམ་པས་སོ་སོའི་མགྲོན་བདག་ཁྱིམ་ཚང་གིས་བདག་པོ་བརྒྱབ་ནས་། ཕྱི་མི་གཞིས་ཆགས་གནས་སྤོས་ཐད་རོགས་རམ་གནང་མཁན་ཡེ་ཤུའི་ཆོས་ཚོགས་ཀྱིས་ཁོང་ཚོར་ལས་ཀ་འཚོལ་ཐབས་དང་འབྲེལ་བའི་རོགས་རམ་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎