གན་དྷིའི་དབུ་ཞུ་དང་གཞོན་ནུའི་གོམ་བགྲོད་ལས་འགུལ།


2014.02.10
དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གི་བོད་དོན་གོམ་བགྲོད་ལས་འགུལ་དབུ་བཙུགས་པ། གན་དྷིའི་དབུ་ཞུ་དང་གཞོན་ནུའི་གོམ་བགྲོད་ལས་འགུལ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མེས་པོ་དམ་པ་གན་དྷིའི་དབུ་ཞུ་གྱོན་ནས་བོད་དོན་ཞི་བའི་གོམ་བགྲོད་སྤེལ་བཞིན་པ་རེད།
དེ་ཡང་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་མི་ལོ་༥༥འཁོར་བ་མཚོན་པའི་ཆེད་དུ། བཙན་བྱོལ་ནང་གི་བོད་ཀྱི་གཞོན་ནུ་ཕོ་མོ་གྲངས་༥༥་ཡིས་ཚེས༩ཉིན་བོད་མིའི་རང་དབང་སླད་དུ་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འགོ་རྩོམ་སྐབས། རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་ཡིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་སྐབས་སུ་བཞེས་པའི་ཚོས་གཞི་དཀར་ལ་གྲུའི་དབྱིབས་ཅན་གྱི་དབུ་ཞྭ་བཞེས་པའི་ལས་འགུལ་གྱི་
རྒྱབ་ལྗོངས་ནས་བློ་སྟོབས་ལེན་ཡོད་པ་རེད། གོམ་བགྲོད་ལས་འགུལ་ནང་ཞུགས་པའི་གཞོན་ནུ་ཚོས་ཀྱང་དབུ་ཞྭ་དེ་འདྲ་བའི་ཐོག་ལ་བོད་རང་བཙན་ཞེས་བརྡ་འཕྲིན་བྲིས་ཡོད་པ་རེད། དེ་བཞིན་Anna Hazare ཡིས་རྒྱ་གར་ནང་རུལ་སུངས་དང་ལྐོག་ཟའི་ཐད་ལ་གདོང་ལེན་གནང་བ་དང་། མི་མང་དཀྱུས་མའི་ཚོགས་པ་གསར་དུ་མངོན་པར་ཐོན་པ་སོགས་ཀྱི་གནས་ཚུལ་ལས་སེམས་འགུལ་བློ་སྟོབས་ལེན་པ་མཚོན་ཡོད་པ་རྒྱ་གར་གྱི་གསར་ཤོག་Hindustan Timesཞེས་བས་གནས་ཚུལ་སྤེལ་འདུག
བོད་མིའི་རང་དབང་ལས་འགུལ་ནི་རྒྱ་གར་གྱི་མེས་པོ་དམ་པ་གན་དྷིས་སྣེ་ཁྲིད་གནང་བའི་ཞི་བའི་ལས་འགུལ་ནས་སེམས་སྐུལ་ལེན་པ་རེད་ལ་ཚོས་གཞི་དཀར་ལ་ཀོ་གྲུའི་དབྱིབས་ཅན་གྱི་དབུ་ཞྭས་རྒན་རྡི་སྐུ་ཉིད་དང་། ཁོང་གིས་ཕྱག་ལེན་བསྟར་བའི་འཚེ་མེད་ཞི་བའི་ཐབས་ལམ་མཚོན་གྱི་ཡོད་རེད་ཅེས་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་བྱས་ཡོད་པ་གཞོིན་ནུའི་ཚོགས་མི་བསོད་ནམ་གཡུ་རྒྱལ་ལགས་ཀྱིས་གསར་འགོད་པར་གསུང་འདུག   ད་དུང་ཁོང་གིས་མི་མང་དཀྱུས་མ་ཚོས་གན་དྷིས་དབུ་ཞྭ་གྱོན་ཏེ་ལྡི་ལིའི་ནང་ཆབ་སྲིད་ལས་འགུལ་སྤེལ་ཏེ་ལྡི་ལིའི་གཞུང་འཛིན་ཆབ་སྲིད་ཐད་སྔར་བྱུང་མྱོང་མེད་པའི་ཆབ་སྲིད་འཕོ་འགྱུར་གཏོང་ཐུབ་པའི་ལས་འགུལ་དེ་ཚོས་ང་ཚོའི་རེ་བ་ཡང་གསོན་པོར་གནས་ཐུབ་རྒྱུར་མཐུན་འགྱུར་བསྐྲུན་གྱི་འདུག་ཅེས་བརྗོད་འདུག ད་རེས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདིའི་ནང་མཉམ་བཞུཌ་གནང་མཁན་དགུང་ལོ་མཐོ་ཤོས་༧༢་དང་ལོ་སྣ་ཆུང་ཤོས་༢༡་ཡིན་འདུག་ བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དང་དུས་མཚུངས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོཌ་གློད་འགྲོལ་དགོས་པ་དང་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་གཏོང་དགོས་པ། དེ་བཞིན་སྐུ་ལུས་མེར་བསྲེཌ་གནང་མཁན་ཚོའི་མངོན་འདོད་ཁག་ལ་རྒྱ་ནག་གཞུང་གིས་བཟང་ཕྱོཌ་ཀྱི་ཡ་ལན་སྤྲོད་དགོས་པ་སོཌ་དགོས་འདུན་དོན་མཚན་ལྔ་བཏོན་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་མི་གྲངས་ ༥༥ ཡི་ཞི་བའི་གོམ་བགྲོད་དེ་ངྷ་རམ་ས་ལ་ནས་མགོ་འཛུགས་གནང་བ་དང་། ཟླ་རྗེས་མའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཡིན་འདུག  
གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎