ཚེ་རིང་རྒྱལ་ལཊ་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ།
2013.11.15
དབུས་བོད་མིའི་སྒྲིག་འཛུཌ་ཀྱིས་ཚེ་རིང་རྒྱལ་ལགས་བོད་དོན་ཆེད་མེ་བསྲེགས་བཏང་ནས་སྐུ་གྲོངས་བར་གཞུང་འབྲེལ་མཆོད་འབུལ་གནང་འདུག
དེ་ཡང་འདི་ཟླའི་ཚེས་༡༡་ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་དགུང་གྲངས་༢༠་ཕེབས་པ་ཚེ་རིང་རྒྱལ་ལཌ་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་གདུག་རྩུབ་ཆེ་བའི་སྲིད་བྱུས་འཛིན་བཞིན་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེཌ་གནང་རྗེས་སྐུ་གྲོངས་ཡོད་པ་དང་། ཚེས༡༤ཉིན་བོད་མིའི་སྒྲིག་འཛུཌ་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་ཚེ་རིང་རྒྱལ་ལཌ་དབུས་པའི་བོད་དོན་ཆེད་སྐུ་སྲོག་ཤོར་བའི་བོད་མི་འདས་གསོན་ཡོང་གི་ཆེད་དུ་བཞུཌ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར། མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་ཞུས་པ་དང་འབྲེལ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ་རེད།
སྐབས་དེར་རྣམ་རྒྱལ་གྲ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུཌ་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བཀའ་བློན་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུཌ་སྒར་རྡ་རམ་ས་ལའི་ཁུལ་དུ་གནས་བཞུཌ་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན། དེ་བཞིན་མི་མང་དང་། སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཉིན་གང་སྨོན་ལམ་གསུང་འདོན་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།