དམངས་གཙོའི་ལྷན་ཚོཊ་ལ་བོད་མི་མཉམ་ཞུགས།
2013.10.28

ཨེ་ཤི་ཡའི་དམངས་གཙོའི་ལྷན་ཚོགས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་བདེ་སྐྱིད་ལགས་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བློ་བཟང་ཚེ་བརྟན་ལགས་རྣམ་གཉིས་མཉམ་ཞུཌ་གནང་འདུག
དེ་ཡང་གནས་ཚུལ་ལྟར་ན། ལྷོ་ཀོ་རི་ཡའི་རྒྱལ་ས་Seoulནང་ཚོགས་པའི་ཨེ་ཤེ་ཡའི་དམངས་གཙོའི་ལྷན་ཚོགས་དང༌། སྐབས་གསུམ་པའི་Seoulདམངས་གཙོའི་གླེང་སྟེགས་ཀྱི་རྨང་གཞིའི་འདུ་ཚོགས་སར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་བདེ་སྐྱིད་ལགས་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨེ་ཤི་ཡའི་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་རྣམ་གཉིས་མཉམ་ཞུཌ་གནང་ཡོད། ལྷན་ཚོགས་དེ་ཟླ་བ་འདིའི་ཚེས་༢༡ནས་༢༤བར་རྒྱལ་ས་ Seoul ནང་ཚོཌ་གནང་ཡོད་པ་དང༌། ལྷན་ཚོགས་དེའི་ཐོག་ཨེ་ཤེ་ཡའི་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྤྱི་དམངས་འགོ་ཁྲིད་དང༌། དམངས་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་སྐུ་ཚབ་༨༠ལྷག་མཉམ་ཞུགས་གནང་འདུག
ཀོ་རི་ཡའི་དམངས་གཙོའི་ལྷན་ཚོཌ་ཞེས་པ་དེའི་ནང་དམངས་གཙོ་དང་འབྲེལ་བའི་ཚོཌ་པ་བཞི་ཡོད་པ་སྟེ། ཀོ་རི་ཡའི་དམངས་གཙོ་ཐེབས་རྩ་དང༌། ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ། ཀོ་རི་ཡའི་བུད་མེད་དང་ཆབ་སྲིད་བསྟི་གནས་ཁང༌། ཤར་ཨེ་ཤི་ཡའི་བསྟི་གནས་བཅས་ཚོགས་པ་བཞི་ཡོད་པའི་སྐུ་ཚབ་འཐུས་མི་དང་ལྷན་དུ་ཨེ་ཤི་ཡའི་ནང་དམངས་གཙོ་དར་སྤེལ་གཏོང་ཐབས་གནང་མཁན་ཚོཌ་སྡེ་ཁག་གི་རྒྱུན་ལས་ཚོས་མི་༡༥གོང་ཞུས་ལྷན་ཚོགས་དེའི་ནང་མཉམ་ཞུཌ་གནང་ཡོད་པ་རེད།
ལྷན་ཚོཌ་དེའི་ཐོག་ཨེ་ཤི་ཡའི་ཁུལ་དམངས་གཙོ་དར་འཕེལ་ཐད་འཕྲད་བཞིན་པའི་དཀའ་ངལ་དང༌།ཨེ་ཤི་ཡའི་ནང་ཞི་བདེ་དང་འཛུགས་བསྐྲུན་། དམངས་གཙོ་གོང་འཕེལ་གཏོང་ཕྱོཌ དམངས་གཙོའི་གཞུང་འཛིན་ནུས་ཤུགས་ཆེ་རུ་གཏོང་རྒྱུ་སོཌ་དམངས་གཙོ་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གཙོ་བོ་གནང་འདུག