བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན།
2014.02.12

ཚོགས་འདུ་གོ་སྒྲིག་པ།
༄༅༎ཕྱི་ལོ་༢༠༡༤ཟླ་༢ཚེས་༡༤ཉིན་རྒྱ་གར་ནུབ་ཕྱོགས་གུཇ་རཱཏ་མངའ་སྡེའི་སྦ་རོ་ཌ་གྲོང་ཁྱེར་ནང་སྦ་རོ་ཌ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སྦ་རོ་ཌ་ས་བོད་རིགས་སློབ་ཕྲུག་མཐོན་ཚོགས་གཉིས་མཉམ་འབྲེལ་འོག་བོད་རིགས་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པ་དང༌།ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་གུཇ་རཱཏ་མངའ་སྡེའི་དཔལ་འབྱོར་བློན་ཆེན་ཟུར་སོགས་མཉམ་ཞུགས་གནང་རྗེས་ཚོགས་པས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་གནང་བ་སོགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎