བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་ཞུས་ཡོད་པ།
2015.03.10

༄༅༎བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༦པའི་ཐོག་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གསུང་བཤད་ནང་། བོད་ནང་གི་བོད་མིའི་ཁྲོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དར་སྤེལ་ཆེ་རུ་འགྲོ་བཞིན་པའི་བཟང་ཕྱོགས་ཀྱི་འགྱུར་བ་དག་གིས་རིམ་བཞིན་བོད་མིའི་མངོན་འདོད་བསྒྲུབ་པར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་དབང་རྒྱལ།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་ཡོད་པའི་སྐོར། གཤམ་ལ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎
གསར་འགོད་པ་བསོད་ནམས་དབང་འདུས།
དེ་བཞིན་ཨོ་སི་ཊེ་ལི་ཡའི་ནང་དུ་ཡང་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་ཞུས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ནོར་བུ་དགྲ་འདུལ།