སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་གསར་འཛུགས་གནང་སྐབས་ཀྱི་གནས་སྟངས།
2019.09.24

༄༅།།གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀ་མངའ་སྡེའི་མའེ་སོར་རྫོང་ཁོངས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཐོག་མར་དབུ་འཛུགས་གནང་སྟེ་བགྲང་བྱ་ ༥༠ འཁོར་བའི་ལོ་དང་བསྟུན། གཞིས་ཆགས་དེར་ཐོག་མར་ཕེབས་མཁན་ཁོངས་ནས་བོད་མི་རྒན་རབས་སངས་ཆུང་ནོར་བུ་ལགས་དང་དབང་རྒྱལ་ལགས་གཉིས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།