དབུས་བོད་མིའི་སྒྲིག་འཛུགས་ནས་སུད་སིའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་སྐུ་ངོ་དྭགས་པོ་བསོད་ནམས་ནོར་བུ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་སྐུ་ངོ་དྭགས་པོ་བསོད་ནམས་ནོར་བུ། (ཕྱི་འབྲེལ་དྲུང་ཆེ་ཤར་གླིང་ཟླ་སྒྲོན།)

0:00 / 0:00

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༡པའི་ཚེས་༣༠ནས་ཕྱི་ཟླ་༢པའི་ཚེས་༣་བར་ཉིན་གྲངས་ལྔའི་རིང་སུད་སིའི་གྲོང་ཁྱེར་ཇི་ནི་ཝིཡ་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འབྲེལ་ཡོད་ཚན་པའི་དབུ་ཁྲིད་དང་དེ་བཞིན་གྲོང་ཁྱེར་ཇི་ནི་ཝིའི་ནང་བཅའ་བཞུགས་གཞུང་ཁག་ཅིག་གི་གཞུང་ཚབ་ཟུར་མཇལ་གྱིས་བོད་ནང་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་གནས་ལུགས་ཞུ་གཏུགས་གནང་བ་བརྒྱུད་ཚང་མས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་བསྟན་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས།