དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༣༤འཁོར་བ།
2017.03.16
༄༅། །ཟླ་འདིའི་ཕྱི་ཚེས་༡༦ཉིན་བཞུགས་སྒར་དུ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག གཞུང་ཞབས་ཟུར་པ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་ན་སྔར་བོད་ཀྱི་སྟོབས་དང་མངའ་ཐང་སླར་གསོ་ཡོང་གི་རེད་ཅེས་གསུངས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།