ཆུ་བཞི་སྒང་དྲུག་ཚོགས་ཆེན་༢༠པ།
2014.06.18

༄༅།ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་གྱི་ནང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོང་ཚོགས་ཆེན་ཐེངས་༢༠དང་། འགན་འཛིན་ལྷན་ཚོགས་ཐེངས་༤༤པ་གཉིས་མཉམ་དུ་ཕྱི་ཟླ་༦ཚེས་༡༦ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་ཆེན་དང་བསྟུན་ནས་འཚོགས་པ་དང་། ཚོགས་འདུ་དེའི་ཐོག་ཆོས་ལུགས་ཁག་གི་འཐུས་མི་དང་། མདོ་སྟོད་སྤྱི་འཐུས་རྣམ་པ། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་ཁག་གི་རྒྱུན་ལས་བཅས་མཉམ་བཞུགས་གནང་ཡོད་པ་སོགས་ཀྱི་སྐོར་བློ་བཟང་ཆོས་འཕེལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པར་གསན་རོགས་ཞུ༎
༄༅། །ཐེངས་འདིའི་དེང་དུས་ཀྱི་རྒྱ་ནག་ཞེས་པའི་ལེ་ཚན་ནང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོང་ཚོགས་ཆེན་ཐེངས་༢༠ཐོག་ལ་གྲོས་ཆོད་ཆེ་ཁག་གཙོ་བོ་བཞི་བཞག་ཡོད་པ་སོགས་ཀྱི་སྐོར་ལ་བློ་བཟང་གིས་བྲག་གཡབ་དོན་ལྡན་ལགས་དང་འབའ་པ་བློ་བཟང་ཕན་བདེ་ལགས་གཉིས་ལ་གནས་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་དེ་གསན་རོགས་གནང་།།
གསར་འགོད་པ་བློ་བཟང་ཆོས་འཕེལ།