༸གོང་ས་མཆོག་སྦེལ་ཇམ་དུ་ཞབས་སོར་བདེ་བར་འཁོད་པ།
2016.09.08
༄༅༎ཕྱི་ཟླ་༩ཚེས་༧རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་སྦེལ་ཇམ་གྱི་རྒྱལ་ས་སྦརཱ་སེལས་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་ས་གནས་བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་།༸གོང་མཆོག་ནས་བོད་མི་ཚོར་དམིགས་བསལ་མཇལ་ཁ་བཀའ་སློབ་བསྩལ་རྒྱུ་ཡིན་པའི་སྐོར་བསོད་ནམས་ལྷ་མོ་ལགས་དང་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བསོད་ནམས་ལྷ་མོ་དང་ཚེ་དབང་ནོར་བུ།