༧གོང་ས་མཆོག་གི་བོད་མི་ཚོར་དམིཊ་བསལ་མཇལ་ཁ་གནང་།


2014.02.20
༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལགྱི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༤།༢།༢༠ ༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལགྱི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༤།༢།༢༠
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མི་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་སོང་།
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ནང་བདུན་ཕྲག་གསུམ་ཙམ་གྱི་རིང་མཛད་འཕྲིན་སྐྱོང་བཞིན་པ་ལྟར། སྤྱི་ཚེས་༢༠ ཉིན་རྒྱབ་བཞུགས་གནས་Park hyattམགྲོན་ཁང་གི་ཚོགས་ཁང་དུ་འདི་ག་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་དང་། ཕྱི་ནང་དད་ལྡན་པ་མང་པོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་རེད། སྐབས་དེར་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་ཙམ་མ་ཟད་གྲོང་ཁྱེར་ནེའུ་ཡོག་སོགས་ནས་ཀྱང་བོད་མི་མི་ཉུང་བ་ཆེད་དུ་ཕེབས་ཡོད་པ་རེད།
༧གོང་ས་མཆོག་གི་ཨ་རིའི་རྒྱལ་སའི་ཁུལ་གྱི་མཛད་འཕྲིན་ཁག་ལེཊ་འགྲུབ་ཟིན་པའི་རྗེས་སུ་ཨ་རིའི་ནུབ་ཕྱོཌ་མངའ་སྡེ་California འི་གྲོང་ཁྱེར་Los Angeles དང་། San Francisco སོཊ་གྲོང་ཁྱེར་ཆེ་ཁག་ལྔའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་དང་། དེ་ནས་ཨ་རིའི་ནུབ་དབུས་མངའ་སྡེ་མེ་ནི་སོ་ཀྲའི་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་ཕྱི་ཟླ་གསུམ་པའི་ཚེས་༢་ཉིན་བོད་ཀྱི་ལོ་གསར་གྱི་མཛད་སྒོའི་ཐོག་དབུ་བཞུཊ་གནང་རྒྱུ་དང་། དེ་ནས་ཡང་བསྐྱར་ཕྱི་ཟླ་༣་ཚེས་༤་ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ལ་ཆིབས་བསྒྱུར་བསྐྱངས་ནས་ཨ་རིའི་གྲོས་ཚོཌ་གོང་འོག་གཉིས་ཀྱི་འཐུས་མི་སོཊ་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། ཟླ་༣ཚེས་༧་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་མི་མང་ལ་ཆོས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

ཀླུ་འབུམ་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎