༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་ཕྱག་དེབ་གསར་པ་(Voice for the Voiceless)
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བདུན་ཅུ་ལྷག་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཀྱི་རྒྱ་ནག་གི་འགོ་ཁྲིད་རིམ་པར་འབྲེལ་གཏུག་གནང་པའི་མཛད་པ་དང་མ་འོངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་མདུན་ལམ་གསལ་སྟོན་མཛད་པའི་བཀའ་རྩོམ་གྱི་ཕྱག་དེབ་གསར་པ་(Voice for the Voiceless) མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པ་འདོན་སྤེལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཀའ་རྩོམ་གྱི་ཕྱག་དེབ་དེའི་ཆེད་དབྱིན་སྒྱུར་ཞབས་ཞུ་བ་༧སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།