བྱམས་བརྩེ་ལྡན་པའི་མེས་པོའི་ཤུལ་འཛིན་པ་ཞིག་དགོས།

བོད་པའི་མི་རབས་གསར་པས་མེས་པོས་བཞག་པའི་རིག་གཞུང་ལ་ཤུལ་འཛིན་ཐུབ་པ་དང་བྱམས་བརྩེ་ལྡན་པའི་གཞན་ཕན་སྒྲུབ་མཁན་མི་ཞིག་བྱ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བ།
བོད་པའི་མི་རབས་གསར་པས་མེས་པོས་བཞག་པའི་རིག་གཞུང་ལ་ཤུལ་འཛིན་ཐུབ་པ་དང་བྱམས་བརྩེ་ལྡན་པའི་གཞན་ཕན་སྒྲུབ་མཁན་མི་ཞིག་བྱ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བ། (དགའ་ལྡན་ཕོ་བྲང་།)

0:00 / 0:00

༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐོག་བཙན་བྱོལ་ནང་གི་བོད་པའི་གཞོན་སྐྱེས་ཚོར་བཀའ་སློབ་དང་། དེ་བཞིན་རྗེ་ཙོང་ཁ་པས་མཛད་པའི་རྟོགས་བརྗོད་མདུན་ལེགས་མའི་གསུང་ཆོས་དང་མཇུག་ཏུ་སློབ་མ་ཚོས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་པས། གསུང་ཆོས་སྐབས་བོད་པའི་མེས་པའི་མཛད་རྗེས་ལ་དྲན་གསོ་གནང་པའི་ཐོག་ནས་བོད་པའི་མི་རབས་གསར་པས་མེས་པོས་བཞག་པའི་རིག་གཞུང་ལ་ཤུལ་འཛིན་ཐུབ་པ་དང་བྱམས་བརྩེ་ལྡན་པའི་གཞན་ཕན་སྒྲུབ་མཁན་མི་ཞིག་བྱ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ་སྒྲོལ་དཀར།