ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་འདིའི་ཕན་ནུས།
2018.01.11
ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་འདིའི་ནང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་བི་ཧཱར་མངའ་སྡེའི་བློན་ཆེན་དབུ་བཞུགས་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་འདིའི་དབྱིན་ཡིག་པར་གཞི་དབུ་འབྱེད་གནང་བ་དང་། དམིགས་བསལ་༧གོང་ས་མཆོག་ནས་ཕྱག་དེབ་འདི་ཕྱོགས་བསྒྲིགས་གནང་དོན་དང་ཕན་ཡོན་སྐོར་ལ་བཀའ་སློབ་གནང་ཡོད་པས། ཕྱག་དེབ་འདི་ཕྱོགས་བསྒྲིགས་གནང་མཁན་གྲས་ནས་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཀའ་འདྲི་ཞུས་པའི་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ཞིག་གསན་རོགས་གནང་།