ཁེ་ལི་ཕོར་ནི་ཡར་༸ཞབས་སོར་འཁོད་པ།

༸གོང་ས་མཆོག་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་སེན་ཌི་ཡེ་གོ་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད།

2012.04.18
༸གོང་ས་མཆོག་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་སེན་ཌི་ཡེ་གོ་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༤ཚེས་༡༧རེས་གཟའ་མིག་དམར་གྱི་ཉིན་སྤྱི་ནོིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧ་ཝ་ཡི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡར་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོ་San Diego རུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་Jerry Sanders   དང་ དེ་བཞིན་ San  Diego མངའ་སྡེའི་གཙུག་ལག་སློབ་གྲ་དང་།ཁེ་ལེི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་  San  Diego  གཙུག་ལག་སློབ་གྲ་བཅས་སློབ་གྲ་ཁག་གསུམ་གྱི་འབྲེལ་ཡོད་ལས་བྱེད་རྣམ་པ་དང་  ས་གནས་བོད་མི་བཅས་ཀྱིས་ ༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག   ཕྱི་ཚེས་༡༨ཉིན་ཁེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་རྩེད་རྭར་༸གོང་ས་མཆོག་གིས་  གོ་ལའི་གནམ་བཤིས་འགྱུར་བགྲོས་དང་བྱམས་བརྩེ། ཀུན་ཁྱབ་འགན་འཁུར།ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཡང་དེའི་ཉིན་རྒྱབ་ཏུ་San Diego   གཙུག་ལག་སློབ་གྲྭའི་  Jenny Craig  ཞེས་པའི་ཚོགས་རྭར་ཞི་བདེ་དང་དྲང་བདེན།ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་པ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག   ཕྱི་ཚེས་༡༩ཉིན་San Diego མངའ་སྡེའི་གཙུག་ལག་སློབ་གྲྭའི་རྩེད་རྭའི་ནང་འགྲོ་བ་ཀུན་ལ་ཁྱབ་པའི་བཟང་སྤྱོད་དང་བྱམས་བརྩེའི་ཉམས་ལེན།དུས་རབས་གསར་པའི་ནང་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་ཞིང་།  དེ་དང་ཕྱོགས་འཚུངས་ཕྱི་ཚེས་༡༩ཉིན་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲ་དེར་ཀླད་ཁམས་ཚན་རིག་དང་ནང་སེམས་ཀྱི་སྐོར། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་མཛད་རྒྱུ་ཡིན་འདུག    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཁུལ་དེའི་བཞུགས་བཞག་གཉིས་རིང་གི་མཛད་འཕྲིན་རྣམས་ཏ་ལའི་བླ་མའི་མཛད་འཆར་གོ་སྒྲིག་ཚུགས་ཆུང་ཞེས་པའི་ཚོགས་པ་དེས་ གོ་སྒྲིག་ཞུས་པ་ཞིག་ཡིན་འདུག།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎