བོད་ནམ་ཡང་མ་བརྗེད་ཅེས་པའི་དངོས་བྱུང་གློག་བརྙན།
2022.03.18
བོད་ནམ་ཡང་མ་བརྗེད་ཅེས་༧ཏཱ་ལའི་བླ་མའི་མཛད་རྣམ་དངོས་བྱུང་གློག་བརྙན་དབྱིན་སྐད་དུ་(Never Forget Tibet: The Dalai Lama’s Untold Story)་ཞེས་པ་འཛམ་གླིང་ཁྱོན་ཡོངས་ནང་ཕྱི་ཟླ་༣ཚེས་༣༡་ཉིན་གཟིགས་འབུལ་ཐོག་མ་དེ་གནང་གི་ཡོད་ཅིང་། གློག་བརྙན་དེ་བཟོ་མཁན་སྐུ་ཞབས་ Jean-Paul Mertinez ལགས་ཀྱིས་མང་ཚོགས་ནས་བློ་སེམས་སྒོ་མོ་ཕྱེ་སྟེ་གཟིགས་གནང་པའི་རྗེས་མི་མང་དག་ལ་བོད་ཀྱི་རིག་གཞུང་གཏིང་ཟབ་ཀྱིས་སེམས་འགུལ་ཐེབས་ཀྱི་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།