སེམས་དང་སྲོག་གི་ཚོགས་འདུ་ཉེར་བདུན་པ།


2013.10.27
༸གོང་ས་མཆོག་དབུ་ཞུགས་ཐོག་ནང་པ་དང་ཡེ་ཤུའི་ཆོས་བྱེད་ཉམས་ལེན་པ་དང་།ཚན་རིག་པ་ཁག་གཅིག་ལྷན་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ཉེར་བདུན་པ་རྡ་སར་གནང་གཏེན་འཁེལ་བ།
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་གསལ་བསྒྲགས་གནང་པར་གཞིགས་ན། ད་རེས་ཀྱི་སེམས་དང་སྲོག་གི་ཚོགས་འདུ་འདིའི་བརྗོད་གཞི་ནི་སྲེད་པ་དང་། འདོད་པ། ངན་པ་ལང་ཤོར་སོགས་ཀྱི་སྐོར་ཡིན་འདུག་ཅིང་།  འདི་དག་ནི་ཆོས་དང་ཚན་རིག་གཉིས་ཀའི་ཐོག་ནས་འགྲོ་བ་མིའི་རིགས་ལ་སྡུག་སྔལ་འབྱིན་པའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཆོས་བྱེད་ཉམས་ལེན་པ་དང་དམིགས་བསལ་འདོད་པ་དང་ངན་པ་ལང་ཤོར་གྱི་གཞི་ཡུལ་ཐོག་ཆེད་ལས་དཔྱད་པ་གནང་མཁན་གྱི་ཚན་རིག་པ་དང་ཕན་ཚུན་སྦྱང་བཤད་གོ་བསྡུར་བྱེད་པ་དེའི་བརྒྱུད་རིམ་གྱི་ཐོག་ནས་སྲེད་པ་དང་འདོད་པ་ལ་སོགས་པའི་ཉོན་མོངས་པའི་སེམས་དེ་དག་ལས་བྱུང་བའི་ངན་གོམས་རང་བཞིན་གྱི་རྒྱུ་རྐྱེན་ངོས་བཟུང་རྒྱུའི་བསམ་བློ་གསར་པའི་རིགས་བརྙེད་སོན་འབྱུང་སྟེ་མཐར་ངན་གོམས་གྱི་ནད་རིགས་དེ་དག་བཅོས་པའི་ཐབས་ལམ་བཟང་དུ་འགྲོ་རྒྱུའི་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་འདུག།
སེམས་དང་སྲོག་ལྟེ་གནས་ཁང་འདི་ནི་~གོང་ས་~སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་པ་གྲགས་ཅན་དབར་ལོ་མང་རིང་ནང་པ་དང་ཚན་རིག་དབར་གྱི་ཕན་ཚུན་སྦྱང་བཤད་གོ་བསྡུར་རིམ་པ་གནང་སྟེ་ཚན་རིག་པ་སྤྱི་དང་ལྷག་པར་དུ་ཚོར་མྱོང་གི་ཐོག་དཔྱད་པ་བྱ་མཁན་ཀླད་ཁམས་དང་། རྩ་ཁམས། བསམ་བློའི་ཚན་རིག་པ་དང་། དངོས་ཁམས་ཚན་རིག་པ་ཆེས་མང་པོ་ཞིག་གིས་དོན་གཉེར་ཆེན་པོའི་ཐོག་ནས་བཙུགས་པ་ཞིག་ཡིན་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་པ་དེའི་ཆེས་མཐོའི་ཚོགས་གཙོའི་མཚན་གནས་བཞེས་གནང་ཡོད་པ་རེད།
རིང་མིན་ཕྱི་ཟླ་ ༡༠་ཚེས་ ༢༨ ནས་ཚུགས་རྒྱུའི་ཉིན་གྲངས་གསུམ་གྱི་ལྷན་ཚོགས་ཀྱི་ཚོགས་མཐུན་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་ www.dalailama.com གྱི་་ཐོག་ཐད་ཀར་རྒྱང་བསྲིང་ཞུ་རྒྱུ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎