སྨར་ཁམས་གཞིས་བྱེས་བོད་མི་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས།
2014.01.02

༄༅༎ཕྱི་ལོ་ ༢༠༡༤ ཟླ ༡ ཚེས་ ༡ཉིན། སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྨར་ཁམས་གཞིས་བྱེས་བོད་མི་ཡོངས་ཀྱིས་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཀུན་ཁྱབ་མཛད་ཆེན་འབུལ་ལམ་ཞུས་ཡོད་པའི་སྐོར། ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས༎
>>>ཡིག་ཐོག་གསར་འགྱུར།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་ཁྲིད་ཆེན་༡༨་ཀྱི་བཀའ་ཆོས་གནང་བཞིན་པ་དང་བསྟུན། ཕྱི་ལོ་༢༠༡༤་ལོའི་ཟླ་༡ཚེས་༡་ཉིན་སྤྱི་ལོ་གསར་ཚེས་ལ་སྨར་ཁམས་གཞིས་བྱེས་ཡོངས་ཀྱིས་བརྟན་བཞུཌ་བསྟར་འབུལ་ཞུས་པའི་སྐབས། ༧མགོན་པོ་གང་ཉིད་ནས་བསྟན་འགྲོ་སྤྱིའི་བདེ་ཐབས་ཆེད་ཐུཌ་འཁུར་ཆེ་བཞེས་གནང་མཁན་སྤྱི་དང་། ལྷག་དོན་དུ་བོད་ནང་བོད་དོན་ཆེད་རང་སྲོག་བློས་གཏོང་མཁན་འདས་སོན་ཡོངས་རྫོཌ་དང་། དེང་སྐབས་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པ་རྣམས་བརྟན་བཞུཌ་ཀྱི་དམིཌ་འོག་ཏུ་ཚུད་པའི་ཐུཌ་སྨོན་གནང་དགོས་པ་སོགས་གསུངས་སྐབས། ༧གོང་ས་མཆོག་གིས། འུ་ཐུག་སྟེ་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཞིག་བྱུང་བ་རེད། དེ་དག་ཆེད་ངེས་པར་དུ་སྨོན་ལམ་རྒྱག་དགོས། གནས་ཚུལ་བྱུང་ཟིན་པ་རེད། དེས་བོད་བསྟན་སྲིད་ལ་ཕན་དང་མི་ཕན་ཞེས་པ་དེ་དྲི་བ་ཆེན་པོ་ཞིག་རེད། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད། གང་ལྟར་རྒྱ་དང་གྲོགས་པོ་བསྒྲིགས་ཏེ་བོད་དོན་བསྒྲུབ་རྒྱུའི་བསམ་བློ་གཏོང་གི་ཡོད། དངོས་ཡོད་གནས་ཚུལ་དེའི་ཐོག་ནས་བསྒྲུབ་དགོས་པ་རེད། གང་ལྟར་སྙིང་སྟོབས་འདི་ཙམ་ཞིག་གི་ཐོག་ནས་སོ་སོའི་སྲོག་བློས་གཏོང་བྱས་ཡོད། དེ་དག་གིས་སོ་སོའི་སྲོག་བློས་གཏོང་ཐུབ་མཁན་གྱི་མི་ཞིག་གིས་སོ་སོ་ཤི་བ་དང་ཆབས་ཅིག་རོགས་པ་འགའ་འཁྲིད་ཐུབ་རྒྱུ་ཏན་ཏན་ཡོང་གི་རེད། འོན་ཀྱང་འདི་མི་བྱེད་པ་དེ་ནི་བོད་ཆོས་ལྡན་གྱི་ཞིང་འདི་འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་ཐོག་ནས་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་དང་ལག་ལེན་བསྟར་གྱི་ཡོད་པ་གསལ་པོ་རེད་ཞེས་གསུངས། ད་དུང་༧གོང་ས་མཆོག་གིས་རྒྱ་ནག་མི་མང་དུང་ཕྱུར་༡༣་ལྷག་ཡོད་པའི་ནང་ནས་དུང་ཕྱུར་བཞི་དང་ལྔའི་བར་ནང་ཆོས་ལ་དོ་སྣང་ཡོད་མཁན་ཡིན་སྟབས། རྒྱ་ནག་ནང་རང་དབང་དང་། རིག་གཞུང་སྲུང་སྐྱོབ་སོཌ་ཀྱི་དོན་ལ་འབད་བརྩོན་བྱེད་མཁན་ཚོ་ཡང་བརྟན་བཞུཌ་ཀྱི་མིག་འོག་ཏུ་ཚུད་པ་བྱས་སྟེ་སྨོན་ལམ་སྐྱོན་དགོས་པའི་བཀའ་སྩལ།
གསར་འགོད་པ་བསོད་ནམས་ལྷ་མོ།