བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་དང་བོད་ཡིག་ཐོག་ཡོད་པའི་སངས་རྒྱས་བསྟན་པ།
2018.09.04
༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་དབུས་གཙང་ཆོལ་ཁ་དང་མདོ་སྨད་ཆོལ་ཁ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཆུ་སྒང་། དེ་བཞིན་ཀ་རྡོར་སྒང་གསུམ་དང་རི་དབང་ལ་བཅས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། ༧གོང་ས་མཆོག་ནས་དགུང་ལོ་བརྒྱ་སྐོར་བཞུགས་ཐུབ་པ་གནང་རྒྱུ་དང་བོད་མིའི་ངོས་ནས་བོད་ཀྱི་སྐད་དང་ཡི་གེར་མཐོང་ཆེན་དགོས་པའི་ཐོག་བོད་ཡིག་ཐོག་ཡོད་པའི་སངས་རྒྱས་བསྟན་པ་སྤུས་དག་དེ་དག་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་གནང་ཡོད་པ་སོགས་ཞིབ་ཕྲ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།