བོད་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཆེད་རྒྱ་གར་ཤིན་ཏུ་གལ་ཆེ་བ།
2014.06.15

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ཟླ་༦ཚེས་༡༤རེས་གཟའ་ཉི་མའི་ཉིན་ཨི་ཊ་ལིའི་མོ་དིག་ལི་ཡ་ནའི་ཚོགས་ཁང་ཞིག་གི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་གནས་བོད་མི་རྣམས་ལ་བཀའ་སློབ་གནང་སྐབས་བོད་མི་རིགས་དང་ཆོས་དང་རིག་གཞུང་གསོན་པོར་གནས་པའི་ཆེད་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཁག་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང༌།དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་རོགས་རམ་བྱེད་དགོས་པའི་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎