རྒྱ་གར་གཞུང་དམངས་ནས་བཀའ་དྲིན་རྗེས་དྲན་ཞུས་པ།
2016.01.10

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གཞུང་དམངས་ནས་བཀའ་དྲིན་རྗེས་དྲན་ཞུས་ཡོད་པས། རྒྱ་གར་གྱི་གནས་ཡོད་མི་སྣ་དང་རྒྱ་གར་སྤྱི་ཚོགས་ནང་ཤུགས་རྐྱེན་དང་། དམིགས་བསལ་༸གོང་ས་མཆོག་ནས་གནང་བའི་བཀའ་སློབ་ཀྱི་ཤུགས་རྐྱེན། དེ་བཞིན་སྐུ་ཕྱའི་སྲུང་སྐྱོབ་ལ་སོགས་པའི་ཐོག་འབྲེལ་ཡོད་མི་སྣ་དང་ལྷན་སྒྲོལ་དཀར་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།