༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ཤིང་ཀྲོན་དུ་ཞབས་སོར་བདེ་བར་འཁོད་པ།
2014.03.05

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་དོན་ལྡན
༄༅༎ཕྱི་ལོ་༢༠༡༤ཟླ་༣ཚེས་༥རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མེ་རི་ཀའི་ཁེ་ལི་ཕོར་ནི་ཡ་དང་མི་ནི་སོ་ཊ་མངའ་སྡེའི་ས་ཁུལ་གྱི་མཛད་འཕྲིན་ཁག་་ལེགས་གྲུབ་རྗེས་སུ་སླར་ཡང་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་༸ཞབས་སོར་འཁོད་གནང་མཛད་སོང༌། ཕྱི་ཚེས་༦ཉིན་༸གོང་ས་མཆོག་ཨ་རིའི་གྲོས་ཚོགས་འོག་གི་དབུ་ཁྲིད་ཁག་ཅིག་གི་ལྷན་དུ་མཇལ་ཕྲད་གནང་རྒྱུ་དང་། ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་མི་སྣ་དང་མཇལ་ཕྲད་།དེ་བཞིན་ཉིན་རྒྱལ་དུ་ཨ་རིའི་གྲོས་ཚོགས་གོང་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་མཇལ་ཕྲད་མ་ཟད་ཨ་རིའི་གྲོས་ཚོགས་གོང་མའི་དབུ་ཁྲིད་ཁག་དང་མཇལ་ཕྲད་སོགས་ཞོགས་པ་ཆུ་ཚོད་༡༠པ་ནས་ཉིན་རྒྱལ་ཆུ་ཚོད་༢དང་ཕྱེད་ཀ་བར་ཨ་རིའི་གྲོས་ཚོགས་གོང་འོག་གི་སྣེ་ཡོད་དབུ་ཁྲིད་ཁག་དང་མཇལ་ཕྲད་གྱི་མཛད་འཆར་ཁག་ཡོད་པ་རེད་འདུག།