༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་མི་མང་ལ་བསྔགས་བརྗོད་མཛད་གནང་བ།

2022.08.16
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་མི་མང་ལ་བསྔགས་བརྗོད་མཛད་གནང་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ། ལ་དྭགས་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པའི་ལས་བྱེད་པ་སྐུ་ཞབས་ཚུལ་ཁྲིམས་བཟང་པོ་དང་། ལ་དྭགས་ཟངས་དཀར་ཁུལ་ནས་བཀའ་ཆོས་ཉམས་བཞེས་པ་རང་འདུམ་རིན་ཆེན་དཔལ་བཟང་།
བཀྲིས་དབང་ཕྱུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༢ ཟླ་ ༧ དང་ ༨ པའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་༧ཆིབས་བསྒྱུར་བསྐྱངས་ཏེ་ཁུལ་འདིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། འདི་ལོ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང་། དཔལ་རྔམ་དུས་སྟོན་ཐོག་དབུ་བཞུགས་མཛད་དེ་ལ་དྭགས་གཞུང་མང་གིས་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་ཡོད་པ་བཅས་ཀྱི་བསྔགས་བརྗོད་མཛད་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལ་དྭགས་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པའི་ལས་བྱེད་པ་སྐུ་ཞབས་ཚུལ་ཁྲིམས་བཟང་པོ་ལགས་དང་། ལ་དྭགས་ཟངས་དཀར་ཁུལ་ནས་བཀའ་ཆོས་ཉམས་བཞེས་པ་རང་འདུམ་རིན་ཆེན་དཔལ་བཟང་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ནང་དུ་སེམས་བསྐྱེད་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ལས་འགུལ་གནང་ཕྱོགས་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎