༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་བ།


2016.07.01
༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་བ།v༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་ཡོད་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྒྱ་གར་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གྲུབ་པ་དང་། ད་རིང་ཕྱི་ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག ཐོག་མར་༧གོང་ས་མཆོག་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་རྟེན་གཙོ་རྣམས་ལ་ཆོས་མཇལ་དང་གནས་གཟིགས་ཕེབས་རྗེས། དུས་ད་ལྟ་བར་དུ་རྒྱུན་འཛིན་བྱེད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པའི་བོད་ཀྱི་ནང་ཆོས་ནི་རིག་གཞུང་གི་རྩ་བ་ཡིན་པ་དང་། དེང་སྐབས་དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་ལེགས་བཤད་དེ་དག་འཛམ་གླིང་སྤྱི་ལ་ཕན་པ་སྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག ཕྱི་ཚེས་༢ ནས་ ༥ བར་མགོན་པོ་གང་ཉིད་ཀྱིས་དེ་ཕྱོགས་སུ་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་ལ་བསྙེན་རྫོགས་སྒྲུབ་པ་གནང་རྒྱུ་རེད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎