བོད་མིའི་གཞིས་ཆགས་ཀྱི་འཚོ་རྟེན་ཡར་རྒྱས་དགོས་པའི་བཀའ་སློབ།
2018.06.28

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་ཆགས་༤༥ཡི་ས་གནས་འགོ་འཛིན་རྣམ་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་དང་བཀའ་སློབ་གནང་སྐབས་གཞིས་ཆགས་ཀྱི་འཚོ་རྟེན་ལ་འགྱུར་བ་དང་ཡར་རྒྱས་དགོས་པའི་ཐོག་ནང་ཆོས་ཀྱི་ལྟ་གྲུབ་སློབ་སྦྱོང་བྱས་ཏེ་དུས་རབས་༢༡པའི་ནང་པ་ཞིག་བྱ་དགོས་པ་སོགས་བཀའ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།