སེམས་མ་ཞུམ་པར་ནང་ཆོས་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཞེས་༧གོང་ས་མཆོག་ནས་བཀའ་གནང་ཡོད་པ།


2018.10.06
སེམས་མ་ཞུམ་པར་ནང་ཆོས་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཞེས་༧གོང་ས་མཆོག་ནས་བཀའ་གནང་ཡོད་པ། ༢༠༡༨།༡༠།༥།༧གོང་ས་མཆོག་ནས་རྒྱ་མི་རིགས་གཙོ་བོ་འགྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་འཇུག་པའི་བཀའ་ཆོས་སྩོལ་བཞིན་པ།
དཀའ་ལྡན་ཕོ་བྲང༌།

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་མི་རིགས་ཀྱི་ཆོས་ཞུ་བ་གཙོ་བོར་འགྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་འཇུག་པའི་གསུང་ཆོས་བསྩལ་གནང་ཡོད་པ་དང་།   ཡུལ་གྲུ་༦༧ནས་ཆོས་ཞུ་བ་ཁྱོན་བདུན་སྟོང་ཙམ་གྱི་ཁྲོད་༧གོང་ས་མཆོག་ནས་སེམས་མ་ཞུམ་པར་ནང་ཆོས་སློབ་སྦྱོང་དགོས་པ་དང་གཞུང་ཆེན་སློབ་སྦྱོང་ཐད་རྒྱ་ཡིག་ཐོག་ཡོད་པ་ཁག་སློབ་སྦྱོང་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པའི་སྐོར། ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎